- 没有库存
深密空行心滴迁识教授·不修成佛引导文 · 往生极乐车乘
(摘自第二世敦珠-离畏耶谢多杰全集第13函)
此由圣域萨霍( 古印度国名 )莲花生大士传承比丘瑜伽行者丹增曲佩( 持教法增 )敦请,嘉康巴( 游方者 )吉扎耶谢多杰( 离畏智慧金刚 )依上师窍诀显明伏藏根本文密义而作,瑜伽士热桑多杰( 妙明金刚 )记录成文。 愿诸有缘众悉能死亡转道用!
离畏耶谢多杰全集第13函【深密空行心滴迁识教授·不修成佛引导文·往生极乐车乘】
༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་འཕོ་བའི་གདམས་པ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་ཡིག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །
深密空行心滴迁识教授·不修成佛引导文 · 往生极乐车乘
༄༅། །ཁྱབ་བདག་བླ་མ་མགོན་པོ་འོད་དཔག་ཏུ་མེད་པའི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ། །
顶礼遍主上师体性怙主正等正觉无量光如来!
འདྲེན་པ་གཟི་བརྗིད་མཐའ་ཡས་བདེ་ལྡན་མགོན། །རྒྱལ་བ་རྒྱ་མཚོའི་རིགས་བདག་དེར་བཏུད་ནས། །
导师大乐怙主无量光, 如来佛海部主恭敬礼!
མ་བསྒོམས་སངས་རྒྱས་མྱུར་ལམ་འཕོ་བའི་ཁྲིད། །ཐར་འདོད་སྐལ་བཟང་ངལ་གསོའི་སྐྱེས་སུ་སྦྱིན། །
不修成佛速道迁识法, 寂乐妙礼赐予有缘众!
དེའང་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་ཀུན་གྱི་མཐར་ཐུག་དངོས་གཞིའི་ཉམས་ལེན་གྱི་ཆ་ལག་མ་བསྒོམས་པར་འཚང་བརྒྱ་བར་བྱེད་པའི་གདམས་པ་ཟབ་མོ། །
此亦名为:「 大密金刚乘一切续部窍诀究竟正行修持支分不修成佛甚深教授 」。
སྙིགས་དུས་ཀྱི་སེམས་ཅན་ཚེ་ཐུང་ལ་ཉོན་མོངས་པ་རགས་པས་བསྐྱེད་རྫོགས་ཀྱི་གདམས་པ་ཐོབ་ཀྱང་རྣམ་པར་གཡེང་བའི་དབང་དུ་གྱུར་ཏེ་ཉམས་ལེན་འཕྲོ་ཅན་གྱུར་པ་དང་། །སྡིག་པོ་ཆེ་མཚམས་མེད་པ་ལྔ་ལ་སྤྱོད་པའི་གང་ཟག་ཞིག་ཡིན་ཀྱང་། །ལམ་འདི་དང་འཕྲད་ན་བཙན་ཐབས་སུ་གྲོལ་བར་འགྱུར་ཏེ། ཕུར་བའི་བཤད་རྒྱུད་ལས།འཆི་བ་ཞེས་ནི་རྣམ་རྟོག་ཏེ། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་།
浊世有情,寿命短暂,烦恼粗重,虽得生圆次第教授,然为种种散乱系缚,如是不能续修法者,抑或造作五种无间大恶业之补特伽罗,若遇此甚深道,皆可强力解脱。如《 普巴释续 》云:「 所谓死亡即分别,此能引趣空行刹。」
……………….. ( 中略 ) ………………..
ཅེས་པའང་འཕགས་ཡུལ་ཟ་ཧོར་མཚོ་པདྨ་ཅན་ཕྱོགས་ཀྱི་དགེ་སྦྱོང་རྣལ་འབྱོར་སྤྱོད་པ་བསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་བའི་ངོར། །གཏེར་གཞུང་རྩ་བའི་དགོངས་དོན་བླ་མའི་མན་ངག་གིས་གསལ་བར་བྱས་ཏེ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས་ཡི་གེ་པ་ནི་རྣལ་འབྱོར་པ་རིག་བཟང་རྡོ་རྗེ་བགྱིས་པ་སྟེ། འདིས་ཀྱང་འབྲེལ་ཚད་འཆི་བ་ལམ་དུ་ལོངས་པའི་རྒྱུར་གྱུར་ཅིག། །།
此由圣域萨霍( 古印度国名 )莲花生大士传承比丘瑜伽行者丹增曲佩( 持教法增 )敦请,嘉康巴( 游方者 )吉扎耶谢多杰( 离畏智慧金刚 )依上师窍诀显明伏藏根本文密义而作,瑜伽士热桑多杰( 妙明金刚 )记录成文。 愿诸有缘众悉能死亡转道用!
宁玛文殊-经典伏藏汉译NMKT རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར། Nyingma Manjushri:The Chinese Translation of Kama and Terma.
为了让更多世人能完整了解佛法的智慧,以如鉴真大师东渡般的毅力、以及荣松班智达、龙钦然将巴、弥庞大士等后弘宁玛派先驱的精神,将前译宁玛派佛法翻译成中华汉语,延续慧命!